དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་ཛ་དྲག་གནས་སྟངས་རྣམས་འཁྱོག་བཤད་དང་རྫུན་བཟོ་བྱེད་བཞིན་པ་དེ་དག་ལ། བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་རིགས་སྨྱུག་ཐོགས་པ་རྣམས་ཀྱིས་དེ་དག་ཐེར་འདོན་དང༌། ར་སྤྲོད། བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་ཚོར་མཁྱེན་རྟོགས་ཡོང་སླད། ང་ཚོས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་གླེང་སྟེགས་ཞེས་པའི་ས་དམིགས་འདི་བསྐྲུན་པ་ལགས་ན། རྣམ་དཔྱོད་ཅན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་ལས་དབང་ལ་དགོངས་ནས་ཆེད་རྩོམ་གང་མང་གཏོང་གནང་ཡོང་བའི་རེ་བ་ཞུ་གི་ཡོད།

ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས།།
རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ།།
མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག།
ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར།།


སྨྱུག་ཐོགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་དགོངས་ཚུལ་གྱི་ཆེད་རྩོམ་ཇི་ཡོད་གཤམ་གྱི་གློག་འཕྲིན་ཁ་བྱང་ཐོག་གཏོང་གནང་ཡོད་པ་ཞུ།

 

Email: gewatharpa@gmail.com / sogshod_dhargye@yahoo.com Cell: +9816046407 / 9816188203
©unitingtibetans.org 2008